Resnang Lumpa

Resnang Lumpa This is an official page for Resnang Chiwog, under zobel gewog,Pemagatshel Dzongkhag Bhutan

22/09/2025

Darii Thruebab ga Nong ga ...thamchay ga rang tashiDelek Zhu...HAPPY BLESSED RAINY DAY..to all the Resnangpas..,,🙏🙏🙏

13/08/2025

ས་དགའ་བའི་རེ་སི་ནང་།

ཕྱི་གངས་རི་མེ་ཏོག་སྣ་ཚོགས་དང་།།
ཤིང་ལེགས་པའི་ཙན་དན་ཚུ་གི་བསྐོར།།
ནང་སངས་རྒྱས་བསྟན་པ་དར་བའི་ཡུལ།།
སྲོལ་བཟང་པོ་གོང་དུ་འཕེལ་བའི་གནས།།

མི་ཆོས་སེམས་ལྡན་མི་འཛོམས་སའི་གཡུས།།
ནང་ཆོས་དང་ལམ་སྲོལ་བཟང་པོ་ཁྱབ།།
ས་བྱིན་རླབས་ཅན་གྱི་ས་ལུ་འགྱུར།།
ཡུལ་སྐྱིད་པའི་གྲོང་འཁྱེར་འདི་ཨིན་མས།།

མར་ཤར་ཤར་འགྱོ་བའི་གཙང་ཆུ་འདི།།
ཡར་གངས་ལས་འབབ་ཐངས་ལེགས་པའི་ཁར།།
ཆུ་བསིལ་ཉམས་ལྡན་པའི་གཙང་ཆུ་མས།།
ཁོང་གསེར་གི་ཉ་མོ་འཁྱམ་ས་ཨིན།།

ལྷ་ལྷ་མིན་སྐུ་ཁྲིས་གནང་ས་དང་།།
འགྲོ་རིགས་དྲུག་སྐོམ་པའི་སྡུག་བསྔལ་སེལ།།
སེམས་ལྡན་མི་རིགས་ཚུ་ཡིད་ཚིམ་པའི།།
ཆུ་ཡན་ལག་བརྒྱད་དང་ལྡན་མི་ཨིན།།

གཡུས་འདི་གི་གཡས་ལས་ཕོ་ཆུ་དང་།།
ཡུལ་འདི་གི་གཡོན་ལས་མོ་ཆུ་གཉིས།།
ཆུ་འཛོམས་སའི་སྟེང་ཁར་དགའ་བའི་ས།།
ས་དགའ་བའི་རེ་སི་ནང་ཨིན་མས།།

བླམ་བཟང་པོ་འཇིགས་མེད་ཀུན་ལྡན་མཆོག།།
ཐུགས་ཏིང་ངེ་འཛིན་ལུ་བཞུགས་སའི་ས།།
གཡུས་འདི་གི་སྟེང་ལུ་ཆགས་ཏེ་མས།།
གནས་འདི་གི་བྱིན་རླབས་ཡུལ་ལ་ཁྱབ།།

གཡུས་འདི་གི་ས་ཆ་གནས་ལུ་འགྱུར།།
ཆུ་འབབ་རེ་འབབ་ཚེ་འདུད་རྩི་དང་།།
ཤིང་མཐོང་ཚེ་ག་ར་ལྷ་ཤིང་དང་།།
རྡོ་ཡོད་རེ་ཡོད་ཚེ་གནས་རྡོ་ཨིན།།

སྤང་ལེགས་པའི་མེ་ཏོག་འབབ་ཅུང་དེ།།
གནམ་དགུན་གྱི་དུས་ལུ་ཡལ་བ་ཕངས།།
ཨའི་དུས་ཅུད་ཡལ་རུང་བློ་དགོད་མེད།།
ལོག་སང་ཕོད་ཤར་བའི་དུས་འབྱུང་འོང་།།

དུས་དཔྱིད་ཀ་རེན་པའི་བར་སྐབས་སུ།།
མི་འདི་ཚུ་སོ་ནམ་ལས་ལ་བརྩོན།།
ད་སྟོན་ཀ་ལྷོད་ཅིག་ཟེརཝ་ད་ལུ།།
འབྲས་སྨིན་པའི་ལོ་ཐོག་བསྡུ་སར་མཐོང་།།

དགུང་དབྱིངས་ལས་ཤར་བའི་ཁྲི་གདུགས་ཉིམ།།
གངས་དཀར་མོའི་རྩེ་ལས་བལྟ་མི་འདི།།
ས་དགའ་བའི་ལུང་གི་མཛེས་བཀོད་དེ།།
སེམས་སྤྲོ་བའི་ཐོག་ལས་གཟིགས་པ་མས།།

ཉིམ་པད་མའི་ཕྱོགས་ལུ་གཡོ་བའི་ཚེ།།
ཟླཝ་ལ་ཡི་རྒྱབ་ལས་དགའ་འཛུམ་སྟོན།།
གདོང་གཡུས་ལུ་བསྒོར་ཏེ་བལྟ་བའི་སྐབས།།
གནས་འདི་གི་སྐྲག་འདི་རྣམས་པར་རྒྱས།།

ཕར་སྤང་ལུ་ཤར་བའི་མེ་ཏོག་འདི།།
ལྟཝ་ཚོས་གཞི་ག་བ་ལེགས་འབད་མཐོང་།།
ལྟཝ་ཚོས་གཞི་ལེགས་པའི་མེ་ཏོག་འདི།།
ཡར་དཀོན་མཆོག་མཆོད་པ་ཕུལ་མི་ཨིན།།

དུས་དགའ་སྤྲོ་སྟོན་པའི་དུས་སྐབས་ལུ།།
སེམས་རྣམས་པར་བཟང་བའི་མི་འདི་ཚུ།།
ཐུགས་སྤྲོ་བའི་དགའ་སྟོན་མཉམ་ཅིག་དང་།།
ཟས་བཟའ་བའི་ས་སྒོ་གཅིག་ནང་ཨིན།།

གཡུས་འདི་ནང་བཞུགས་པའི་མི་སེར་ཚུ།།
སྐུ་དཔག་བསམ་ཤིང་ལུ་འགྱུར་བར་ཤོག།
གསུང་འགྱུར་མེད་བསླབ་བྱ་མཁས་པར་ཤོག།
ཐུགས་བྱང་ཆུབ་སེམས་བཟུམ་བཟང་བར་ཤོག།

བཀྲིན་ཆེ།
རྩོམ་སྒྲིག་པ་་་བཀྲིས་ཉི་མ།

Address

Resnang
Pemagatsel

Telephone

+97577383449

Website

Alerts

Be the first to know and let us send you an email when Resnang Lumpa posts news and promotions. Your email address will not be used for any other purpose, and you can unsubscribe at any time.

Share

Category